Tuesday, January 10, 2023

ཞུས་ལན་མི་འདེབས།

༄༅། །ཕན་མེད་ལུང་མ་བསྟན་གྱིས་དུས་ཚོད་གྲོན་པའི།།
འབྲེལ་མེད་ཚིག་ཚོགས་སྤེལ་བའི་གོམས་འདྲིས་འདི་ལ།།
སྔོན་ཞིག་གཞོན་ནུའི་དུས་ན་སྤྲོ་སྣང་ཆེ་ཡང་།།
ད་ནི་ལོ་ན་རྒས་པས་སེམས་པ་སུན་གྱི།།

ཤེས་བཞིན་ཁོག་ཚོད་ལེན་པའི་དྲི་བ་དག་ལ།།
ད་ནས་ཞུས་ལན་མི་འདེབས་གྲོགས་མོ་ལོ་ལོ།།
ཕན་མེད་མཁས་མདོག་ཅན་གྱི་ཡིག་ལན་འདི་ཡང་།།
དེང་ནས་གཏན་དུ་བསྐྱུར་པས་ཐུགས་རེ་མ་གནང་།།

མ་ཤེས་ཤེས་འདོད་ཡོད་ན་ཕྱག་དཔེ་གཟིགས་ལ།།
ཤེས་དོན་ངེས་འདོད་ཡོད་ན་ཡང་ཡང་བསམས་ཏེ།།
ངེས་དོན་མངོན་གྱུར་འདོད་ན་གོམས་འདྲི་མཛོད་ཅེས།།
དྲིན་ཅན་བླ་མ་རྣམ་པས་ནན་གྱིས་གདམས་པ།།

འདི་ན་བསྐྱར་གླེང་བྱས་པ་གསལ་འདེབས་ཡིན་གྱི།།
དེ་མིན་གཞན་དུ་གོ་ན་རང་འདོད་ཡིན་པས།།
དེ་དོན་འགན་ལེན་མེད་དོ་བློ་ལྡན་གྲོགས་མོ།།
ད་ནི་གཉིད་རང་སྐྱིད་པས་གཟིམ་ས་བདེ་འོ།།
མཚན་མོ་བདེ་ལེགས། གཉིད་སྐྱིད་ཅིང་རྨི་ལམ་དགེ་བར་ཤོག།
ཕྱི་ལོ་ཟླ་ཚེས་ ༢༠༢༣/༠༡/༠༩ ཆུ་ཚོད་ ༩ཿ༢༣ ཐོག་ཡེ་ཤེས་མཚོ་མོ་ལའོ།།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...