Saturday, March 17, 2012

གཟིགས་ལགས་སམ།

༄༅། །འཁོར་བའི་ཆོས་ལ་བཅོས་མིན་ངེས་བྱུང་གིས།།
གྲངས་མེད་བསྐལ་པའི་རྣམ་དཀར་སྙིང་པོ་ཀུན།།
གཅིག་ཏུ་སྤུངས་པའི་ལུས་མཆོག་དེ་ཡིས་ཀྱང་།།
རྣམ་དག་ཉམས་ལེན་དཔལ་ལ་གཞོལ་ཐེངས་རེར།།
ཤ་ཁྲག་ལུས་པོ་རྡུལ་དུ་མ་དེངས་བར།།
བཟོད་མེད་དཀའ་སྤྱད་དྲག་པོར་བསྟེན་བསྟེན་ནས།།
ད་གཟོད་སྲིད་ཞིའི་མཐའ་ལས་ཡོངས་འདས་པའི།།
ཟག་མེད་འབྲས་བུའི་དཔལ་ལ་དབང་འདུག་གི།

དེ་མིན་ཚེ་རབས་ཕྲེང་བའི་སྐྱེ་བ་རུ།།
ལོག་འཚོ་ཁོ་ནར་སྤྱད་པའི་བག་ཆགས་མཐུས།།
ཤི་གསོན་དཀོར་གྱིས་སྦགས་པའི་རྣམ་སྨིན་ལུས།།
རྣམ་ཀུན་གཅེས་པར་སྐྱོང་བའི་ཉེས་ཅན་ཞིག།
རྣམ་དག་ཐུབ་པའི་རྗེས་འབྲངས་ཡིན་ནོ་ཞེས།།
ཁེངས་སེམས་དྲག་པོས་ལྟར་སྣང་ཆོས་པའི་གཟུགས།།
གཞན་ལ་ངོམ་སོ་བྱས་པའི་རྫིག་ཉམས་ལས།།
མཐར་འབྲས་ལོན་པའི་གཏམ་རྒྱུད་གཟིགས་ལགས་སམ།།

No comments:

Post a Comment

༄༅། །རྩོམ་ཡིག་འདིའི་ཐད་དགོངས་ཚུལ་འབྲི་སྐབས། ཁྱེད་ཀྱིས་སོ་སོའི་དགོངས་འཆར་གྱི་མཆན་ཡིག་ལ་སྟངས་འཛིན་གནང་དགོས་ན་གུ་གོལ་གྱི་ཁ་བྱང་བེད་སྤྱོད་གནོངས། སྐུང་མིང་གི་ཆ་རྐྱེན་སྤྱད་ན་བཀོད་ཟིན་པའི་མཆན་ཡིག་ལ་བསྐྱར་བཅོས་དང་འབྲི་སུབ་གནང་མི་ཐུབ།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...