༄༅། །ཤར་ཕྱོགས་ཁྲི་གདུགས་ཉི་མའི་འོད་སྣང་ཁྲོད་ནས།།
འདབ་བརྒྱ་ཆུ་སྐྱེས་གཞོན་ནུའི་མཛེས་སྡུག་ངོམ་དུས།།
གློ་བུར་མཁའ་ལ་འཐིབས་པའི་སྤྲིན་ནག་འོག་ནས།།
དྲི་མེད་དྭངས་གཙང་མཚོ་ཡི་མཐའ་མཚམས་ཤིག་ན།།
ཡིད་འཕྲོག་གསེར་གྱི་ཉ་མོས་འཁྱུག་རྩལ་ངོམ་དུས།།
གློ་བུར་མདུན་དུ་ལྷགས་པའི་ལྕགས་ཀྱུའི་རྩེ་ནས།།
ཐར་བའི་གོ་སྐབས་བྲལ་བ་རྨི་ལམ་ཡིན་ནམ།།
དབྱར་གཞུང་སྔོ་ལྗངས་ཡངས་པའི་རྩྭ་ཐང་ཞིག་ན།།
གུ་ཡངས་རྩྭ་ཆུར་རོལ་བའི་རི་དྭགས་ཁྱུ་ཚོ།།
གློ་བུར་མདུན་དུ་ལྷགས་པའི་སྡེར་ཆགས་རྒྱལ་པོས།།
གར་སོང་ཆ་མེད་གཏོར་བ་རྨི་ལམ་ཡིན་ནམ།།
ཕྱི་ལོ་ཟླ་ཚེས་ ༢༠༡༣-༠༤-༠༢ ཉིན།