Thursday, April 4, 2013

དུས་བཞིའི་རྒྱུད་རིམ་ཁྲོད་ཀྱི་དྲི་རྟགས།

༄༅། །དཔྱིད་ཀའི་དཔལ་ཡོན་བཞད་པའི་མཛེས་སྡུག་ཡོད་རྒུ།།
སྤྲིན་ནག་རིམ་དགུ་བརྩེགས་པའི་སྨག་རུམ་ཁྲོད་ནས།།
ཡོད་ཚད་སེར་བས་བཅོམ་པའི་གནས་ཚུལ་ལྷགས་དུས།།
དབུགས་རིང་ཤོར་ཐབས་བྲལ་བའི་སྐབས་ཤིག་འདུག་གམ།།

དབྱར་དཀྱིལ་ཆར་རླུང་འདྲེས་མའི་དྲག་ཆར་ཁྲོད་ནས།།
མདུན་བསྐྱོད་ཤུལ་ལམ་ཡོད་ཚད་ཆུ་ལ་འཐིམ་དུས།།
ཆར་སྐྱོབ་གོས་ཀྱི་མཐུན་རྐྱེན་སྣ་རྒུ་ཚང་ཡང་།།
རང་སེམས་ལྷོད་ལ་བབ་པའི་སྐབས་ཤིག་འདུག་གམ།།

སྟོན་རླུང་ཕྱོགས་མཐར་ལྡང་བའི་གཡོ་འགུལ་ཁྲོད་ནས།།
དབང་མེད་ས་ལ་ལྷགས་པའི་ལོ་འདབ་རེ་རེ།།
ཐལ་འཚུབ་འདྲེས་མའི་རླུང་གིས་ཕྱོགས་མཐར་འདེད་དུས།།
རང་སེམས་སྐྱོ་ཐབས་བྲལ་བའི་སྐབས་ཤིག་འདུག་གམ།།

དགུན་གཞུང་གྲང་ངར་ལྡང་བའི་བུ་ཡུག་ཁྲོད་ནས།།
དྲོད་འཇམ་ལྡན་པའི་གོས་སློག་ཇི་ཙམ་བརྩེགས་ཀྱང་།།
སེམས་ཁམས་འཁྱག་ལ་སྦྱར་པའི་གནས་སྟངས་ཡོད་རྒུའི།།
གྲང་རེག་ཚོར་བའི་ན་ཟུག་སེལ་ཐབས་འདུག་གམ།།  
སྤྱི་ལོ་ཟླ་ཚེས་ ༢༠༡༣-༠༤-༠༤ ཉིན།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...