༄༅། །སྨྲ་ཤེས་ངག་གི་བརྡ་ལ་ལྐུགས་པ་ཙམ་ལས།།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།
སྡུག་བདེན་ཕུང་པོའི་བཟོ་ལྟ་མ་འདྲ་ཙམ་ལས།།
ཤ་ཁྲག་རུས་པའི་རང་བཞིན་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།
འཚོ་བའི་འགྲོ་སྟངས་འགྲོ་ལུགས་མ་འདྲ་ཙམ་ལས།།
རྣམ་ཀུན་བདེ་སྐྱིད་རེ་སྨོན་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།
ཚོར་ཤེས་སེམས་ཀྱི་གནས་བབ་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།
སྡུག་བདེན་ཕུང་པོའི་བཟོ་ལྟ་མ་འདྲ་ཙམ་ལས།།
ཤ་ཁྲག་རུས་པའི་རང་བཞིན་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།
འཚོ་བའི་འགྲོ་སྟངས་འགྲོ་ལུགས་མ་འདྲ་ཙམ་ལས།།
རྣམ་ཀུན་བདེ་སྐྱིད་རེ་སྨོན་མི་དང་མཚུངས་པའི།།
ཉམ་ཆུང་དུད་འགྲོ་ཞེས་པའི་སེམས་ཅན་འདི་དག།
རྐང་གཉིས་སྲིན་པོའི་ལག་ནས་ནམ་ཞིག་ཐར་རམ།།