Sunday, July 16, 2017

འབོད་སྐུལ་ཚིག་གསུམ།

༄༅། །མཐར་འབྲས་སྐུ་དང་ཡེ་ཤེས་དམ་པའི་དཔལ།།
སྒྲུབ་པའི་ལམ་མཆོག་གསལ་བར་བྱེད་པ་ཡི།།
དྲི་མེད་ཐབས་ལམ་ཆོས་ཀྱི་སྒྲོན་མེ་དང་།།
འབྲལ་མེད་དམ་གཙང་རྡོ་རྗེ་སྤུན་གྲོགས་ལགས།།

མཐོང་ཚེ་ཡིད་འཕྲོག་ཡི་གེའི་གཟུགས་རིས་དང་།།
འབྲི་དུས་འཁྲུལ་མེད་དག་ཡིག་སུམ་རྟགས་འགྲོས།།
བཀླགས་ན་རབ་སྙན་ཚིག་གི་སྡེབ་སྦྱོར་ལ།།
རྣམ་ཀུན་སྦྱོང་བའི་སྙིང་རུས་མ་འདོར་ཞིག།

འཆད་པས་གཞུང་གི་དཀའ་གནད་འགྲོལ་བ་དང་།།
རྩོད་པས་ཐེ་ཚོམ་སྒྲོ་འདོགས་སེལ་བ་སྟེ།།
རྩོམ་པས་གཞན་ཡིད་དབང་མེད་འགུག་པའི་ཐབས།།
རྣམ་ཀུན་སྦྱོང་བའི་འབད་བརྩོན་མ་འདོར་ཞིག།

ཐོས་པའི་དོན་ལ་ཡང་ཡང་བརྟགས་དཔྱད་ཀྱིས།།
བསམ་པའི་གཏིང་དུ་ངེས་ཤེས་འདྲེན་པ་དང།།
སྒོམ་པའི་དོན་དུ་རྩེ་གཅིག་གཞོལ་བ་ལ།།
རྣམ་ཀུན་བརྩོན་པའི་ངལ་བ་མ་འདོར་ཞིག།

དེ་སྐད་སྨྲ་བའང་གཅིག་ཏུ་ཕན་པའི་བློས།།
ཞོར་འཕྲོས་གཏམ་གྱིས་གསལ་འདེབས་ཞུས་པ་ལས།།
བསླབ་བྱའི་ཚིག་ཏུ་བརྗོད་པ་མ་ལགས་ཀྱང་།།
རྣམ་ཀུན་སེམས་ཀྱི་གཏིང་ནས་མ་འདོར་ཞིག།
ཅེས་པའང་། སྤྱི་ལོ་ ༢༠༡༡ ཟླ་བ་ ༨ ཚེས་ ༡༣ ཉིན་དམ་གཙང་ཆོས་ཀྱི་སྤུན་གྲོགས་ཤིག་ལ་སྐུལ་མའི་ཚུལ་དུ་བྲིས།

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...