Sunday, September 4, 2011

ཐོར་བུའི་སྡེ་ཚན།

༄༅། །དྲང་པོའི་ཕྱོགས་ལ་ཡིད་ཆེས་མེད་ཀྱང་རུང་།།
འཁྱོག་པོའི་རིགས་ལ་བློ་གཏན་འགེལ་བ་ཡི།།
སྤྱི་ཚོགས་ཁྲོད་ན་ཡུན་རིང་སྡོད་པ་ཡང་།།
ལས་ངན་བདག་གི་མི་ཚེའི་ནོར་འཁྲུལ་ཉིད།།
སྤྱི་ལོ་ཟླ་ཚེས་ ༢༠༡༡-༠༩-༠༣ ཉིན།

༈ བཟང་ངན་མཉམ་པ་ཉིད་དུ་ཐག་གཅོད་ཅིང་།།
བདེན་རྫུན་ངོ་བོ་གཅིག་ཏུ་སྒྲུབ་ནུས་པའི།།
རྣམ་དཀར་ཆོས་ཀྱི་ཁྲིམས་ལུགས་དམ་པ་འདི།།
མི་ནུབ་སྲིད་མཐའི་བར་དུ་སྐྱོང་བར་མཛོད།།
སྤྱི་ལོ་ཟླ་ཚེས་ ༢༠༡༡-༠༩-༠༣ ཉིན།

༈ ལས་ངན་བག་ཆགས་ཟབ་པའི་རྒྱུ་ལས་བྱུང་བའི།།
གློ་བུར་ཀུན་རྟོག་འདི་ཡི་བསླུ་བྲིད་འོག་ན།།
རང་མགོ་རང་གིས་སྐོར་བའི་མི་ཚེ་འདི་འདྲ།།
དེ་རིང་དབུགས་ཆད་བྱུང་ཡང་འགྱོད་པ་མི་འདུག།
སྤྱི་ལོ་ཟླ་ཚེས་ ༢༠༡༥-༠༢-༠༦ ཉིན། 

༈ རང་དོན་རང་ཐག་གཅོད་པའི་སྤོབས་པ་མེད་ཀྱང་།།
རང་མཁས་རང་བདེན་རློམ་པའི་ཁེངས་དྲེགས་ངོམ་སྟེ།།
སྤྱི་དོན་སྒེར་ཐག་གཅོད་ལ་ཧམ་སེམས་ཆེ་བའི།།
མི་ངན་གྲོགས་སུ་བརྫུས་པ་དེ་རིང་རྟོགས་སོང་།།
སྤྱི་ལོ་ཟླ་ཚེས་ ༢༠༡༥-༠༢-༠༧ ཉིན། 

དམིགས་བསལ་རྩོམ་ཡིག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་མཛོད་བདུན་ལ་བལྟ་བར་བསྐུལ་པ།

མཛད་པ་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༡༨༠༨-༡༨༨༧ ༄༅། །ནམཿསརྦཛྙཱཡ། གདོད་ནས་རབ་ཞི་གཉུག་མ་བརྡལ་བའི་ཞིང༌། །རྟག་ཏུ་མི...