༄༅། །སེམས་བཟང་གོ་ས་རྟག་ཏུ་ཟུངས་དང་ལྟར་སྣང་གོ་ས་དམན་ཡང་རུང་།།
མཐོ་མཐའ་ལྷུང་བའི་དོགས་མེད་ས་ལ་བག་ཡངས་རྩེན་པའི་རང་དབང་ཁྲོད།།
ཕྲག་དོག་བློ་ཡི་བསླུ་འདྲིད་མེད་པས་རྣམ་ཀུན་བདེ་བའི་རྒྱལ་ས་འདི།།
གྲངས་མེད་བསྐལ་པའི་མཐའ་ལ་ཐུག་ཀྱང་གཞན་ལ་ཤོར་ཐབས་ཡོང་རེ་སྐན།།

རྣམ་དཀར་ལོངས་སྤྱོད་རྟག་ཏུ་གསོགས་དང་འདི་སྣང་ལོངས་སྤྱོད་དབུལ་ཀྱང་རུང་།།
བསགས་མཐའ་འཛད་པའི་དོགས་མེད་རྒྱུ་ལ་གུ་ཡངས་རོལ་བའི་རང་དབང་ཁྲོད།།
སེར་སྣ་ཆེ་བའི་བསླུ་འདྲིད་དབེན་པས་རྣམ་ཀུན་དགེ་བའི་དཔལ་ཡོན་ལ།།
དཔག་མེད་བསྐལ་པར་ལོངས་སུ་སྤྱད་ཀྱང་འཛད་པའི་དུས་ཤིག་ཡོང་རེ་སྐན།།
དགེ་བའི་གྲོགས་བཟང་རྟག་ཏུ་སྒྲིགས་དང་ཁྲེལ་མེད་རྣམས་ཀྱིས་གཡུགས་ཀྱང་རུང་།།
ངོ་སྲུང་བཅོས་མའི་ངོ་གསོ་མི་དགོས་གཡོ་སྒྱུ་བྲལ་བའི་རང་དབང་ཁྲོད།།
སྐྱིད་སྡུག་འདྲེས་མའི་བརྒྱུད་རིམ་བར་ན་ཕན་སེམས་ཆེ་བའི་གཤིས་ཀ་ཅན།།
ཟླ་མེད་ཡ་རབས་གྲོགས་མཆོག་རྣམས་ཀྱིས་སླུ་བའི་སྐབས་ཤིག་ཡོང་རེ་སྐན།།

སྤྱི་ལོ་ཟླ་ཚེས་ ༢༠༡༡-༡༡-༡༩ ཉིན། དུས་ཚོད་ 10:43:43 AM ལ།
སྙིང་གི་ཆོས་གྲོགས་རང་གི་རྩོམ་ཡིག་འདི་དེ་རིང་ཁྱུག་ཙམ་ཀློག་ཐུབ་པའི་སྐལ་བ་བཟར་པོ་འདིར་བརྟེན་ང་ཡི་སེམས་པ་ཡང་ཡང་ཁྱོད་ཀྱི་རྩོམ་ཡིག་དེར་ཤོར་སོང་།
ReplyDelete